སཡི་ཕོན་ཇི་ལྟར་བེད་སྤྱོད་བྱེད་དགོས།

ཨེན་ཀྲོཌ་ཆེད་དུ་སཡི་ཕོན།

ཁྱེད་རང་གིས་དང་པོ་ཁྱེད་རང་ལ་ཡོད་པའི་སཡི་ཕོན་འདི་ཨེན་ཀྲོཌ་ཆེད་དུ་ཡིན་མིན་བརྟག་དཔྱད་བྱེད.

ཨེན་ཀྲོཌ་གློག་འཕྲིན་དང་ཡང་ན་དྲྭ་རྒྱའི་བལྟ་ཆས་ནང་ནས་སཡི་ཕོན་APKསྦྲེལ་མཐུད་སྣོན་ནས་འགྲིག་བཅུག་བྱེད། ( གལ་ཏེ་ནོར་བ་འདྲ་བྱུང་སོང་ན་ཁྱེད་རང་ལ་འདི་དགོས་མཁོ་ཡོད་རེད། )ཟུར་འཇུག་སྒོ་ཕྱེས་)

ཁྱེད་ཀྱིས་སཡི་ཕོན་མཉེན་ཆས་ཐོག་མར་འགོ་འཛུགས་བྱས་པའི་སྐབས་སུ་དེས་རང་འགུལ་ཐོག་ནས་སཡི་ཕོན་དྲྭ་རྒྱར་མཐུད་འགྲོ་གི་རེད།

Screenshot showing the Psiphon for Android status panel
 • VPN དང་ཡོ་བྱད་ཚ་ཚང་ནང་སཡི་ཕོན་འཁོར་བསྐྱོད་བྱེད་བཞིན་ཡོད། མཉེན་ཆས་ཚང་མ་སཡི་ཕོན་རྒྱུད་དེ་ཡུར་བའི་ནང་བསྡུས་ཡོད།
 • དྲྭ་ཤོག་གནས་བབས་འདེམས་ཚར་སོང་།
 • སཡི་ཕོན་གྱི་མཉེན་ཆས་ནང་ཡོ་བྱད་ཆ་ཚང་ཡུར་བཅུག་འགྲོ་ལུགས་འཁོར་སྐྱོད་བྱས་ཚེ། ཁྱེད་རང་ལ་ཨེན་ཀྲོཌ་4.0+་ཡང་ན་ཆོག་མཆན་ཚང་མ་ཡོད་པའི་ཡོ་བྱད་ཨ་མ་འདི་་ངེས་པར་དུ་ཚང་དགོས།

  འདི་ཨེན་ཀྲོཌ་ཐོན་རྙིང་པ་དང་ཆོག་མཆན་ཚ་ཚང་མེད་པའི་ཡོ་བྱད་ཨ་མ་ཁག་ལ་གདམ་ཀ་དེ་མེད།
 • སྐྱ་བོ།: མཐུད་བཞིན་པ།དམར་པོ: མཐུད་མི་ཐུབ
  སྔོན་པོ།: མཐུད་ཟིན།
 • ཁྱེད་རང་གིས་ད་ལྟ་སཡི་ཕོན་ཐོན་ག་རེ་བེད་སྤྱོད་བྱེད་ཀྱི་ཡོད་མེད་གསལ་སྟོན་གནང་རོགས

Screenshot showing the Psiphon for Android logs panel
 • སཡི་ཕོན་བྱེད་ལས་ཀྱི་ཉིན་ཐོ།

Screenshot showing the Psiphon for Android statistics panel
 • མཐུད་ཁའི་དུས་ཡུན།
 • སོཡི་ཕོན་རྒྱུད་དེ་གཏོང་བའི་ཡིག་ཚགས།
 • སཡི་ཕོན་རྒྱུད་དེ་འབྱོར་བའི་ཡིག་ཚགས།
 • སཡི་ཕོན་རྒྱུད་དེ་སྐུར་བའི་བཙིར་བའི་ཡིག་ཚགས།
 • སཡི་ཕོན་རྒྱུད་དེ་འབྱོར་བའི་བཙིར་བའི་ཡིག་ཚགས།

མཉེན་ཆས་དེ་བཞིན་ཐེངས་གཅིག་དྲྭ་རྒྱར་མཐུད་པ་ནས་བཟུང་སཡི་ཕོན་བལྟ་ཆས་རང་སྒྲིག་ཐོག་ནས་འགོ་འཛུགས་བྱེད་ཀྱི་རེད། ཨེན་ཀྲོཌ་ནང་གི་སཡི་ཕོན་གྱིས་ཨེན་ཀྲོཌ་བལྟ་ཆས་སོར་བཞག་གམ་མཉེན་ཆས་གཞན་རྣམས་ཀྱི་དྲྭ་རྙོག་ཁག་རང་འགུལ་ངང་ནས་ཡུར་བའི་ནང་བཅུག་ཀྱི་མེད། སོར་བཞག་གི་ཐོག་ནས་སཡི་ཕོན་བལྟ་ཆས་གཅིག་པུས་སཡི་ཕོན་དྲྭ་རྒྱ་རྒྱུད་དེ་ཡུར་བའི་ནང་བཅུག་གི་ཡོད།

Screenshot showing the Psiphon for Android web browser
 • སཡི་ཕོན་འཁོར་བསྐྱོད་བྱེད་བཞིན་པ།
 • ཁ་ཕྱེས་པའི་དྲྭ་ཤོག་ཕན་ཚུན་བརྗེ།
 • ད་ལྟ་ཕྱེ་བཞིན་པའི་དྲྭ་ཤོག་སྒོ་རྒྱབ།
 • ད་ལྟའི་དྲྭ་ཤོག་ལ་དཔེ་རྟགས་རྒྱབ་རོགས།
 • དྲྭ་ཤོག་གསར་པ་ཁ་ཕྱེས།

ཝིན་ཌོ་ཆེད་དུ་སཡི་ཕོན།

ཁྱེད་རང་གིས་དང་པོ་ ཁྱེད་རང་ལ་ཡོད་པའི་སཡི་ཕོན་འདི་ཝིན་ཌོ་ཆེད་དུ་ཡིན་མིན་བརྟག་དཔྱད་བྱེད།

མཉེན་ཆས་འཆར་བཀོད་ཕབ་ལེན་བྱས་ཏེ་བེད་སྤྱོད་བྱེད། དེ་བེད་སྤྱོད་བྱེད་སྐབས་སུ་བདེ་འཇགས་ཀྱི་བརྡ་ལན་ཞིག་གཏོང་གི་ཡོད། དེ་སྟོན་ན་སཡི་ཕོན Inc.འདི་ཁུངས་ལྡན་ཡིན་པ་མཚོན་ཐུབ།

Screenshot showing the Windows security warning for the Psiphon executable

ཁྱེད་རང་གིས་སཡི་ཕོན་འགོ་འཛུགས་པ་དེ་ནས་སཡི་ཕྷོན་་རང་འགུལ་གྱི་ངང་ནས་་མཐུད་འགོ་ཐུབ། མཐུད་པའི་སྐབས་སྐོར་རྟགས་ཤིག་མཐོང་གི་རེད། ཁྱེད་རང་གིས་གཤམ་གྱི་ཡུར་བ་གང་རུང་གཅིག་འདེམས་ནའང་འགྲིག ་VPN (L2TP སྒང་ལ་ IPsec), SSH, or SSH+ (SSH འཕར་མ་སྦས་པ་དངSSH་ངེས་མེད་ཀྱི་རིམ་པ་འདི་མཛུབ་ཐེལ་གཡོལ་ཐབས་བྱས་).

Screenshot showing Psiphon starting up on Windows

རྟགས་ལྗང་ཁུ་དེ་ཤར་བའི་སྐབས་སུ་སཡི་ཕོན་ཞབས་ཞུ་འཕྲུལ་ཆས་ལ་མཐུད་ཀ་རྒྱབ་ཐུབ་པ་ཆགས་ཡོད། VPN ནང་ལ་ཁྱེད་རང་གི་དྲྭ་ཟིང་རྣམས་རང་འགུལ་གྱི་ཐོག་ནས་སཡི་ཕོན་རྒྱུད་དེ་ཡུར་བའི་ནང་འགྲོ་གི་ཡོད།

SSH དང་ SSH+ ཚུལ་གཉིས་ཀྱི་ནང་ལ་སཡི་ཕོན་གྱིས་རང་འགུལ་ཐོག་ནས་ཝིན་ཌོ་ངོ་ཚབ་སྒྲིག་བཀོད་ལམ་ལུགས་སྒྲིག་ཅིང་། མཉེན་ཆས་ཀྱི་ཆེད་དུ་དྲྭ་ཟིང་དེ་དག་སྒྲིག་བཀོད་ལ་ལྟོས་པ་རྣམས་སཡི་ཕོན་རྒྱུད་དེ་ཡུར་བའི་ནང་འགྲོ་ཐུབ། དྲྭ་རྒྱའི་བལྟ་ཆས་མང་ཆེ་བས་སྒྲིག་བཀོད་དེ་དག་ལ་ལྟོས་ཚབས་ཆེན་པོ་ཡོད།

དེས་མ་ཟད་SSH དང་ SSH+ ཚུལ་གཉིས་སཡི་ཕོན་གྱིས་ཡུར་བ་ཁ་གྱེས་པའི་གདམ་ཀ་སྤྲད་ཅིང་། དེའི་སྐབས་སུ་རྒྱལ་སྤྱིའི་དྲྭ་ཟིང་རྣམས་ངོ་ཚབ་རྒྱུད་དེ་ཡུར་བའི་ནང་བཅུག་ལ་རྒྱལ་ནང་དྲྭ་ཟིང་རྣམས་བཅུག་མེད། "རྒྱལ་ནང་དྲྭ་ཚིགས་རྣམས་ངོ་ཚབ་མི་དགོས་" ལ་རྟགས་རྒྱབ་ནས་ཡུར་བ་གྱེས་པའི་གདམ་ཀ་དེ་སྒོ་ཕྱེས་། གལ་ཏེ་གདམ་ཀ་དེ་སྒོ་ཕྱེས་ཡོད་ཚེ། ངོ་ཚབ་མ་ཡིན་པའི་དྲྭ་ཚིགས་རྣམས་འཕྲིན་ཐུང་རྒྱུད་དེ་ལན་སྤྲད་ཀྱི་རེད།

Screenshot showing Psiphon connected on Windows

དྲྭ་ལས་སྒོ་རྒྱབ་པའི་སྐབས་སུ་སཡི་ཕོན་འདི་བཞིན་རང་འགུལ་གྱི་མཐུད་ཀ་ཆད་འགྲོ་གི་རེད། སྐབས་དེ་དུས་ཁྱེད་རང་ཡང་བསྐྱར་མཐུད་ཀ་རྒྱབ་པའི་ཆེད་ཀྱི་རྟགས་དེ་སྣོན་རོགས།